| / Mahamudra / Gampopa |
Gampopa's collected works (21)
༼༡ན༽ཆོས་རྗེ་དྭགས་པོ་ལྷ་རྗེའི་གསུང་། ཕྱག་རྒྱ་ཆེན་པོ་གསལ་བྱེད་ཀྱི་མན་ངག་བཞུགས། །
༼༡བ༽༄༅། །རྒྱ་གར་སྐད་དུ། པྲ་ཀ་ར་ས་མ་ཨུ་པ་དེ་ཤ་མ་ཧཱ་མུ་དྲ། བོད་སྐད་དུ། ཕྱག་རྒྱ་ཉོན་མོངས་པ་དང་ཤེས་བྱའི་སྒོ་ནས་ལྷན་སྐྱེས། ཆེན་པོ་རབ་ཏུ་གསལ་གཞི་མ་བཅོས་པ། བར་བྱ་བའི་མན་ངག །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །ཕྱི་དང་ནང་དང་པོ་རྣོན་པོ། ཀུན་ཕྱག་རྒྱ་ཆེ། །ཕྱག་རྒྱ་ཆེན་ལྷན་སྐྱེས་ཁམས་སུ། པོའི་ངང་ཉིད་ལ། །མཚན་མ་མེད་པ། སེམས་ཉིད་རང་བཞིན་མེད་པར། བཅོས་པ་ག་ལ་ཡོད། །སྣང་སྲིད་ཐམས་ས་གསུམ་པ་ཐབས་ལམ་བློས་མ་དཔྱད་པ། ཅད་ཆོས་ཀྱི་སྐུ། །ཕྱག་རྒྱ་ཆེན་ལྷན་སྐྱེས་ལ་གོམས་པ། པོའི་ངང་ཉིད་ལ། །སྣང་བ་མེད་པ་ཕྱག་རྒྱ་ཆེ། །མ་བཅོས་རིག་པ་གཅིག་པུ། བཞག་ན་སྒོམ་པ་ཡིན། །བསམ་དུ་མེད་པ་ཆོས་ཀྱི་སྐུ། །མ་བཙལ་དབང་པོའི་སྤྱོད་ཡུལ་དུ། བཞག་ན་བསྒོམ་པ་ཡིན། །ཅེར་རེ་བལྟས་པའི་ངོ་བོ་ཐ་དད་མེད། དུས་ཉིད་དུ། །གཉིས་སུ་རྣམ་པར་རྟོག་པ། མེད་པར་ཤེས་པར་བྱ། །འདི་ལྟར་སྣང་བའི་ལྷན་སྐྱེས་ལ་གོམས་པས། དངོས་པོ་དང་། །སྟོང་པ་ཉིད་དུ་རྟོགས་པ་ནི། །༼༢ན༽དུས་མཉམ་སྔ་ཕྱི་དག་ཏུ་མེད་པར། དག་ཏུ་འདོད་པ་ཡིན། །དཔེར་ན་སྔར་འདྲིས་པ་ཡི་མི། །མཐོང་མ་ཐག་ཏུ་མཐོང་བས་འགྱུར་མེད་དུ་ཤེས་པར་བྱ། ངོ་ཤེས་བཞིན། །སེམས་ཀྱི་སྣང་བ་རྟོག་པ་ལ། སྣ་ཚོགས་ཀུན། །མང་པོ་དག་ཏུ་རྟོག་པ་ཆོས་སྐུར། འཆར་བ་ཡང་། །སྟོང་པ་ཉིད་དུ་དབྱེར་མེད་པར། རྟོགས་པ་ནི། །དཔེར་ན་རྒྱ་མཚོར་ཁ་བ་ནི། །བབས་ཚད་ཆུ་རུ་འགྲོ་བ་རང་བཞིན་མེད་པ་སྐྱེ་མེད་ལྷན་སྐྱེས་ཀྱི་ཁོངས་སུ་འཁོར་འདས་ཀྱི་ཆོས་ཐམས་ཅད་དུ་མ་རོ་གཅིག་ཏུ་རྟོགས་དགོས། བཞིན། །དེ་བཞིན་སྣང་ཕྱི་རོལ་ཚོགས་དྲུག་གི་ཡུལ་དུ། བ་ཐམས་ཅད་ནི། །སྐྱེ་བ་མེད་པར་དཔེར་ན་སྒྱུ་མ་ལྟར་ཤེས་པར་བྱ། རྟོགས་པར་བྱ། །རིག་པའི་རྒྱུན་དུ་གོམས་པ་བསྲིངས་བ་ལ་བརྟེན་ནས། དངོས་པོ་སྣང་བ་ཉིད། །ངོ་བོ་སྟོང་པ་ཉིད་ཡིན་ཏེ། །རྒྱ་མཚོར་ཟླ་བའི་གཟུགས་བརྙན་བཞིན། །སེམས་ཀྱི་རང་བཞིན་ཉམས་སུ་མྱོང་བ་སྟེ། སྐྱེ་མེད་དུ། །གོམས་པར་བློས་མ་བཅོས་པར་བྱ། བྱས་ནས་བསྒོམས་པ་ཡིན། །དུས་མེད་པར་བྱ། སྒོམ་པ་ཞེས་པ་ཐ་སྙད་དེ། །ཐ་སྙད་རང་ཅིར་སྣང་ཐམས་ཅད་རང་བཞིན་མེད་པ། བཞིན་སྐྱེ་མེད་དོ། །༼༢བ༽ཚད་དུ་གཏད་སེམས་འཛིན་པ་ལ་སོགས་པ། ལ་སྒོམ་རྒྱུ་མེད། །ཐུན་དུ་བཅད་ལ་སྒོམ་རྒྱུ་མེད། །གང་ལྟར་སྣང་བ་བསྒོམ་པ་ཡིན། །ལོགས་སུ་རང་རིག་རང་གསལ་ལས། བཀར་བས་སྒོམ་རྒྱུ་མེད། །རྒྱུན་མི་ཆད་དུ་སྒོམ་པ་ཡིན། །སེམས་ཀྱི་མཚན་ཉིད་རྟོགས་པ་ལས། །སངས་རྒྱས་གཞན་ནས་བཙལ་དུ་མེད། །དེ་ལ་རྨོངས་རྣམས་སྐལ་པ་དང་ལས་འཕྲོ་མེད་པའི་གང་ཟག་རྣམས། འདི་ལྟར་འདོད། །ཆོས་སྐུ་དེ་ཉིད་སྒོམ་པ་ལ།མཉམ་བཞག་རྗེས་ཐོབ་མེད་ཀྱང་། བྱིས་པའི་སྐྱེ་བོ་འཁྲུལ་པའི་རང་བཞིན་ཅན་འགའ་ཞིག་།མཉམ་བཞག་རྗེས་ཐོབ་དག་ཏུ་འདོད།པ་ནི་ནོར་བའོ།། །འཁོར་བའི་རང་བཞིན་སྐྱེ་བ་མེད་པར། རྟོགས་པ་ལས།གཞན་དུ་ཐར་པ་དང་ཐམས་ཅད་མཁྱེན་པ་སྟེ། །མྱ་ངན་འདས་པ་ལོགས་ན་མེད།བཙལ་དུ། བདེ་སྡུག་ལ་སོགས་།གང་ལྟར་སྣང་བ་དེ་ཉིད་རང་རྟོགས་ན། དེ་ཆོས་ཡིན།ཀྱི་དབྱིངས། །གང་ལྟར་གསལ་བ་ཆོས་ཉིད་ཡིན། །དབང་པོ་ལྔ་ཡི་སྤྱོད་ཡུལ་དུ། །སྣང་བ་ཐམས་ཅད་གཉིས་སུ་མེད། །ཁམས་གསུམ་ཡེ་ནས་སངས་རྒྱས་ཡིན། །འཁོར་བ་ཡེ་ནས་མྱང་འདས་ཡིན། །སེམས་ཅན་ཡེ་ནས་སངས་རྒྱས་ཡིན། །ཉོན་མོངས་ཡེ་ནས་བྱང་ཆུབ་ཡིན། །འོན་ཀྱང་ཡེ་ནས་མ་རྟོགས་པས། །ཁམས་གསུམ་པ་ནི་འཁོར་བ་ཡིན། །འཁོར་བ་ལས་ནི་བཟློག་པ་ནི། །བླ་མ་དམ་པའི་གདམས་ངག་དགོས། །བླ་མས་མ་བསྟན་བར་དུ་ནི། །དབུལ་པོའི་གཏེར་ནི་ཇི་བཞིན་དུ། །རང་ལ་ཡོད་ཀྱང་ཕན་མ་ཐོགས། །དེ་བས་བླ་མའི་གདམས་ངག་གཅེས། །འདི་དག་རྟོགས་ནས་ཉམས་སུ་ལོང་། །ཀུན་རྫོབ་དོན་དམ་གཉིས་མེད་དེ། །ཆོས་ཀྱི་སྐུ་ཡི་མཚན་ཉིད་དོ། །སངས་རྒྱས་དགོངས་པ་མཐར་ཐུག་ཡིན། །ཕྱག་རྒྱ་ཆེན་པོ་མཐར་ཐུག་པ་མདོར་བསྡུས་པའོ།། །།བླ་མའི་ཞལ་ནས། འདི་ལྟར་མ་རྟོགས་༼༣ན༽ན་འཁོར་བ་ལས་གྲོལ་ཐབས་མེད་གསུང་། འདི་ལྟར་རྟོགས་པ་ཤེས་པར་ངོས་བཟུང་ནས་གོམས་པར་ཉམས་སུ་བླངས། ལྟ་བས་ཐག་བཅད་པ་གལ་ཆེ་གསུང་།། །།ན་མོ་གུ་རུ། རང་རིག་རང་གསལ་རང་ལ་གནས། །བུམ་པ་ནང་གི་མར་མེ་བཞིན། །ཤེས་པ་རང་གསལ་ཙམ་དུ་གནས། །ཐ་སྙད་ཆིག་ཏུ་བརྗོད་ཙམ་ན། །འོད་གསལ་བྱ་བར་མིང་དུ་བཏགས། །བདེ་སྟོང་བྱ་བར་མིང་དུ་བཏགས། །རིག་སྟོང་བྱ་བར་མིང་དུ་བཏགས། །སྣང་སྟོང་བྱ་བར་མིང་དུ་བཏགས། །བཏགས་པ་ཙམ་ལས་མིང་དུ་བས། །ཞེས་གསུངས་སོ།། །།རྟོགས་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོ་རྟོགས་པར་འདོད་པ་རྣམས་ཀྱིས། གང་གིས་མི་བསྐྱོད་རྒྱ་མཚོ་ལྟ་བུར་གཞག །ཉོན་མོངས་པ་ལ་ཐོག་རྡུགས་མེད་པས་སྐྱི་སེར་ལྟ་བུར་གཞག །འཁོར་འདས་དབྱེར་མེད་ཡིན་པས་ཆོས་ཉིད་ངང་དུ་གཞག །དུག་གསུམ་རང་བཞིན་ཆོས་ཀྱི་སྐུ་ཡིན་ཏེ། །སེམས་ཉིད་ལྷན་ཅིག་སྐྱེས་པར་མཁྱེན་པར་མཛོད། །སྣང་གྲགས་ཐམས་ཅད་གཉུག་མའི་ངང་ཡིན་ཏེ། །གདོད་ནས་རྩོལ་སྒྲུབ་བྲལ་བར་མཁྱེན་པར་མཛོད། །རྣམ་རྟོག་མ་སྤངས་ཆོས་ཉིད་རང་བཞིན་ཏེ། །མ་བཅོས་རང་སར་གྲོལ་བར་མཁྱེན་པར་མཛོད། །དེ་ལྟར་རྟོགས་ན་སྐུ་གསུམ་རང་བཞིན་ཏེ། །འབྲས་བུ་བསྒྲུབ་ཏུ་མེད་པར་མཁྱེན་པར་མཛོད། །ཨེ་མ་ཧོ་ཆོས་རྣམས་ལྷན་ཅིག་སྐྱེས་པའི་ས། །རང་བཞིན་མི་དམིགས་བསྒོམ་དུ་མེད་པའི་ངང་། །རྣམ་རྟོག་རང་བཞིན་སྐྱེ་མེད་ཆོས་སྐུའི་ངང་། །མ་བསམ་ལྷུན་གྱིས་གྲུབ་པ་ཆོས་ཀྱི་སྐུ། །དུས་གསུམ་མཉམ་པར་སྣང་བས་གཉུག་མའི་ལམ། །རང་བཞིན་སྤྲོས་དང་བྲལ་བ་རྣལ་འབྱོར་སེམས། །སྐུ་གསུམ་རང་ལ་ཤར་བ་སྐྱེ་མེད་ཐུགས། །༼༣བ༽འཁོར་འདས་ཐམས་ཅད་གཉུག་མའི་ཀློང་དུ་ཐིམ། །གཟུང་འཛིན་ཐམས་ཅད་སྐྱེ་མེད་དབྱིངས་སུ་ཡལ། །རྩོལ་སྒྲུབ་ཐམས་ཅད་མ་བཅོས་ལམ་དུ་སློངས། །འབྲས་བུ་ཐམས་ཅད་ཐོབ་ཏུ་མེད་པར་ཤར། །ཕྱག་རྒྱ་ཆེན་པོ་བརྗོད་དུ་མེད་པའི་དོན་ཅེས་བྱ་བ་སློབ་དཔོན་སྒོམ་ཚུལ་གྱིས་མཛད་པའོ།། །།ན་མོ་གུ་རུ། བླ་མའི་ཞལ་ནས། ཆོས་རྣམས་ཐམས་ཅད་མ་ལུས་པ། །རྒྱུ་རྐྱེན་ཚོགས་པ་ལས་བྱུང་ཡིན། །མི་དགེ་མ་ལུས་མཐའ་དག་སྤངས། །དགེ་བ་མ་ལུས་ཉམས་སུ་ལེན། །དེ་ནི་བཀྲ་ཤིས་ཕུན་ཚོགས་ཡིན། །བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དེ་དང་མི་འབྲལ་བར་བགྱིའོ། །ཞེས་གསུང་ངོ། །ཡང་ཞལ་ནས། བླ་མ་དམ་པའི་གསུང་ཐོས་ནས། །ཚེ་འདི་བློ་ཡིས་བཏང་ནས་ཀྱང་། །འཇིག་རྟེན་ཆོས་བརྒྱད་རྒྱབ་ཏུ་བོར། །ཆགས་ཞེན་མེད་པའི་སྒོམ་ཆེན་བདེ། །སེམས་ཉིད་ལྷན་ཅིག་སྐྱེས་པ་འདི། །སྐྱེ་བ་མེད་པ་ཆོས་ཀྱི་སྐུ། །གསལ་ལ་མ་འགགས་ཉམས་སུ་མྱོང་། །སྣ་ཚོགས་སྣང་བའི་མཚན་ཉིད་ཡིན། །དེ་ཡང་བག་ཆགས་གཟུགས་བརྙན་ལགས། །འོད་གསལ་དང་ཟུང་འཇུག་རྟོགས་པ་ཡིས། །དྲན་མེད་ཀྱི་ལྟ་བས་མ་བསླུས་ཙམ། །གཞན་མེད་ཀྱི་བདེ་སྟོང་ཉམས་སུ་ཤར། །རྟོགས་མེད་ཀྱི་ལྟེང་པོས་མ་བསླུས་ཙམ། །ཡོད་མེད་གཉིས་ལས་འདས་པ་བདེ། །ཡིན་མིན་རྩི་དང་བྲལ་བས་བདེ། །རྟག་ཆད་ཡུལ་དང་བྲལ་བས་བདེ། །བློ་ལས་འདས་པའི་ཆོས་ཉིད་དེ། །རང་ལ་ཤར་བས་ངོ་མཚར་ཆེ། །ཕྱོགས་སུ་བྱེད་པའི་ལྟ་བ་དང་། །ཞེན་དང་མ་བྲལ་སྒོམ་པ་དང་། །གཉིས་སུ་འཛིན་པའི་སྤྱོད་པ་གསུམ། །འཇིག་རྟེན་པ་ཡི་ལྟ་སྤྱོད་ལགས། །ཞེས་གསུང་ངོ་། །ཡང་ཞལ་ནས། རང་སེམས་རྟོགས་ནས་དེ་ལས་གཞན་མེད་གོ་བའི་སྒོམ་ཆེན་བདེ། །བསྒོམ་རྒྱུ་༼༤ན༽མེད་པར་རང་སེམས་རྣལ་མར་བཞག་པས་ཆོག་པའི་སྒྲུབ་པ་པོ་བདེ། །ངོ་བོ་རྣལ་མར་ཤེས་པས་ངེས་ཤེས་སྐྱེས། །སྐྱེ་འཇིག་བྲལ་བར་གོ་བའི་རྣལ་འབྱོར་བདེ། །རང་སེམས་སྐྱེ་བ་མེད་པ་ལྟ་བར་མཐོང་། །སྐྱེ་མེད་དོན་ལ་རྩེ་གཅིག་སྒོམ་པར་གོ །དེ་ལས་ཡེངས་པ་མེད་པ་སྤྱོད་པར་གོ །རང་གི་སེམས་ཉིད་བསྒོམ་པ་གཅིག་པུས་ཆོག །བསམ་དུ་མེད་པའི་བསམ་གཏན། །བསྒོམ་དུ་མེད་པའི་བསྒོམ་པ། །གཟའ་གཏད་མེད་པ་ངོ་བོ་གསལ། །དུས་གསུམ་རྒྱུན་དུ་ལྷང་ངེ་གནས། །ཞེས་གསུངས་པས་བླ་མའི་ཞལ་ནས། །ཁྱོད་ཀྱི་དེ་ཡང་ཡིན་ཏེ། དོན་རྣལ་མར་སོང་ན་འདི་ལྟ་བུ་ཞིག་དགོས་གསུངས། ཨེ་མ་ཧོ། ཤེས་བྱ་གཟུང་འཛིན་གྱིས་སྟོང་པ་དེ། །ཞེན་པ་བྲལ་ཡང་དོན་མ་མཐོང་། །གཉིས་འཛིན་མ་བྲལ་སྒོམ་པ་དེ། །ཉམས་སུ་མྱོང་ཡང་དོན་མ་མཐོང་། །རྟོགས་པ་མེད་པའི་ལྟ་བ་དེ། །མཐའ་བྲལ་ཟེར་ཡང་བློས་བྱས་ཡིན། །ལྟོས་ཐག་མ་ཆོད་སྒོམ་ཆེན་དེ། །ཏིང་འཛིན་བཟང་ཡང་འཁོར་བའི་རྒྱུ། །སྙིང་རྗེ་མེད་པའི་ཆོས་པ་དེ། །འབད་རྩོལ་བྱས་ཀྱང་ཉན་ཐོས་ལམ། །ཨ་ཀྱང་ཀུ་རེ་བགྱིས་པ་ལགས། །ཤེས་གསུང་ངོ་། །བླ་མའི་ཞལ་ནས། རང་གི་སེམས་ལ་ལྟ་བ་སེམས་སུ་གྱིས། །རང་གི་སེམས་ལ་ལྟ་བ་གོམས་ཙ་ན། །ཡུལ་སེམས་གཉིས་སུ་མ་བཟུང་བས། །གཉིས་མེད་ཡེ་ཤེས་ཉམས་སུ་མྱོང་། །ཐབས་ཀྱི་ཁྱད་པར་བསྟན་པ་ཡིན། །ཐོབ་པའི་དུས་ཉིད་བསྟན་པ་ཡིན། །ཞེས་གསུང་ངོ་། །ཕྱག་རྒྱ་ཆེན་པོ་གསལ་བྱེད་ཀྱི་མན་ངག་ཅེས་བྱ་བའོ། །རྗེ་ཟླ་འོད་གཞོན་ནུས་མཛད་པའོ། །ཕྱག་རྒྱ་ཆེན་པོ་གསལ་བྱེད་ཀྱི་མན་ངག་འདི་ལ་ཆོས་ཚན་བརྒྱད་ཡོད།། །།ན་མོ་གུ་རུ། རྗེ་དྭགས་པོ་ལྷ་རྗེའི་གསུང་སྒྲོས་ཐོར་བུ་ལགས། རིན་པོ་ཆེའི་ཞལ་ནས། སྤྱིར་ཡང་སྒོམ་༼༤བ༽ཆེན་ལ་གོལ་ས་མང་། དེ་ཡང་ཉམས་མྱོང་རྟོགས་པར་ཤོར་བ་དང་། རྟོགས་པ་ཉམས་མྱོང་དུ་ཤོར་བ་བྱ་བ་གཉིས་སོ། །ཉམས་མྱོང་རྟོགས་པར་ཤོར་བ་ནི། ཐབས་ཁྱད་པར་ཅན་ལ་བརྟེན་ནས་བསྒོམས་པས། རང་ལ་ཏིང་ངེ་འཛིན་ཁྱད་པར་ཅན་བྱུང་སྟེ། ངའི་ཤེས་པ་འདི་ལ་མི་རྟོག་པ་དང་བདེ་བ་དང་། འདི་ལས་ལྷག་པ་དུས་གསུམ་གྱི་སངས་རྒྱས་ལ་ཡང་ཡོད་མི་འོང་གི་སྙམ་པ་ཅིག་བྱུང་བ། དེ་ལ་ཡིད་ཆེས་ཤིང་མཆོག་ཏུ་བཟུང་ནས་སྒོམ་པ་དེ་ནི། ཉམས་མྱོང་རྟོགས་པར་ཤོར་བ་བྱ་བ་ཡིན། དེས་ཀྱང་དོན་མི་འགྲུབ་བོ། །རྟོགས་པ་ཉམས་མྱོང་དུ་ཤོར་བ་བྱ་བ་ནི། བླ་མའི་བྱིན་རླབས་ཀྱིས་རང་གི་སེམས་ཀྱི་ངོ་བོ་གཅིག་རྟོགས་པ་དེ་ལ། ཉམས་བདེ་བ་དང་གསལ་བ་ལྟ་བུ་ཅིག་ནང་ནས་རང་ཤར་དུ་འབྱུང་། དེ་ལས་མ་ཡེངས་པར་བསྒོམ། དེ་རེས་འགའ་མ་བྱུང་བས་མི་དགའ། བྱུང་ན་རུང་པ་ལ་སྙམ། ཡང་དེ་ཤེས་པས་འབད་ནས་ཚོལ་ཏེ་བྱུང་བ་དེ་ལ་བློ་བཞག་ནས་སྒོམ་པ་དེ། རྟོགས་པ་ཉམས་མྱོང་དུ་ཤོར་བ་བྱ་བ་ཡིན་ཏེ། དེས་ཀྱང་བག་མི་འོང་། བྱུང་མ་བྱུང་ཁྱད་མེད་པ་ཅིག་དགོས། ལར་སྒོམས་དང་ད་བཟོད་ཅིག་གསལ་བར་འོང་གིས་གསུང་། སྤྱིར་ཁམས་གསུམ་དང་། བསམ་གཏན་བཞི་དང་། སྐྱེ་མཆེད་བཞིར་གོལ་བར་བཤད་པ་དེ་འཛིན་པ་བག་ཙམ་ལ་བརྟེན་ནས་གོལ་བ་ཡིན། ཉན་ཐོས་སུ་གོལ་བ་ནི། དེ་སྤྱད་པའི་སྟོང་པ་ལ་གོལ་བ་ཡིན། ངོ་བོ་འཛིན་མེད་དུ་གནས་པས་གོལ་བ་མེད་པ་ཡིན་གསུང་ངོ་།། །།ཡང་རིན་པོ་ཆེའི་ཞལ་ནས། བསྐྱེད་རྫོགས་གཉིས་ལ། ངོ་བོ། ངེས་ཚིག །དབྱེ་བ་དང་གསུམ། དེ་ལ་བསྐྱེད་རིམ་གྱི་ངོ་བོ་ནི། ཟུང་འཇུག་ལྷའི་སྐུ། ངེས་ཚིག་ནི། རིམ་གྱིས་བསྐྱེད་པས་ན་བསྐྱེད་རིམ། དབྱེ་བ་ནི་བསྐྱེད་ཚུལ་ལ་རྣམ་པ་བཞི་སྟེ། སྦྱང་གཞི་བྱ་བའི་༼༥ན༽རྐྱེན་ཅན་སྐྱེ་བ་རྣམ་བཞི་ལ། སྦྱོང་བྱེད་བྱེད་པའི་རྐྱེན་ཅན་བསྐྱེད་ཚུལ་རྣམ་བཞིའི་འབྱུང་བ་ཡིན། བསྐྱེད་རིམ་གྱི་དགོས་པ་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་ཁྱད་པར་དུ་འཕགས་པ་དང་། ཐ་མལ་གྱི་ལུས་པོ་ཁམས་དང་སྐྱེ་མཆེད་ཀྱི་རྟོག་པ་ལས་བཟློག་པ་དང་། བར་དུ་ཟུང་འཇུག་གི་རྟོགས་པ་བསྒྲུབ་པ་དང་། ཐ་མར་སྐུ་གཉིས་གཞན་དོན་དུ་འབྱུང་བ་ཡིན། རྫོགས་རིམ་གྱི་ངོ་བོ་སྤྲོས་བྲལ། ངེས་ཚིག་ནི། རྫོགས་པས་ན་རྫོགས་རིམ། དབྱེ་བ་ནི། མཚན་བཅས་དང་། མཚན་མེད་གཉིས། རྫོགས་རིམ་གྱི་དགོས་པ་ནི། བསྐྱེད་རིམ་ལས་ཁྱད་པར་དུ་བྱས་ཏེ། ཡེ་ཤེས་མངོན་དུ་སྟོན་པར་བྱེད་པ་དང་། མཐར་ཆོས་སྐུ་ཐོབ་པར་བྱེད་པ་ཡིན་ཏེ། བླ་མ་རྗེ་བཙུན་གྱི་ཞལ་ནས། རབ་སྐད་ཅིག་དྲན་རྫོགས། འབྲིང་དང་ཐ་མ་ཆོ་ག་རིམ་གྱིས་སྒོམ་པ་ཡིན། དེ་འཇའ་ཚོན་ལྟ་བུར་སྒོམ། དངོས་པོ་ཨ་ཐང་ཆད་པར་སྒོམ་དུ་མི་རུང་བ་ཡིན་གསུང་།། །།ཡང་རིན་པོ་ཆེའི་ཞལ་ནས། དད་པ་གལ་ཆེ་གསུང་། དགེ་བའི་བཤེས་གཉེན་ཚོལ་བ་ཡང་དད་པ་ཡིན་ཏེ། དད་པ་ལ་གསུམ། རབ་ཀྱིས་ཡིད་ཆེས་པའི་དད་པ་སྒོམ། འབྲིང་གིས་འདོད་པའི་དད་པ་བསྒོམ། ཐ་མས་དང་བའི་དད་པ་སྒོམ་གསུང་། ཡིད་ཆེས་པའི་དད་པ་ནི་རྒྱུ་འབྲས་ལ་ཡིད་ཆེས་པས་སྐྱེའོ། །འདོད་པའི་དད་པ་ནི་བདེན་བཞི་ལ་བརྟེན་ནས་སྐྱེའོ། །དང་བའི་དད་པ་ནི་ཡུལ་ཁྱད་པར་ཅན་ལ་བརྟེན་ནས་སྐྱེའོ། །དད་པ་དེ་བརྟན་པར་བྱེད་པ་ལ་ཡང་དགེ་བའི་བཤེས་གཉེན་ཡིན། དགེ་བའི་བཤེས་གཉེན་མེད་ན། དད་པས་སྡིག་པའི་གྲོགས་དང་ཕྲད་པ་ཡིན་གསུང་། དེ་བས་དགེ་བའི་བཤེས་གཉེན་གལ་ཆེ་ཚུལ་དུ་འདུག །ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱིས། རྒྱུད་དཀྲུགས། ལུང་བཅུས། ༼༥བ༽མན་ངག་གབ། རྒྱུད་ཀྱི་ནང་ན་མར་དང་པོ་བརྗོད་བྱ་བསྟན་ནས། དེ་ནས་རྫོགས་རིམ་འཆད། དེ་ནས་བསྐྱེད་རིམ་འཆད། དེ་ནས་ཡན་ལག་བདུན་པ་འཆད་དེ། རྒྱུད་དཀྲུགས་པ་བྱ་བ་ཡིན་གསུང་། སློབ་དཔོན་ཁམས་པ་ཆེན་པོ་རྣམས་ཀྱིས་ལུང་བསྡུ་བའི་བསྟན་བཅོས་དང་ལུང་བཀྲོལ་བའི་བསྟན་བཅོས་བྱ་བ་གསུངས་ཏེ། ལུང་བཀྲོལ་བའི་བསྟན་བཅོས་ནི་འགྲེལ་པ་དང་ཊཱི་ཀཱ་ལ་སོགས་པ་ཡིན་གསུང་། ལུང་བསྡུ་བའི་བསྟན་བཅོས་ནི་སྒྲུབ་ཐབས་ཡིན་ཏེ། དེ་ནི་མན་ངག་གབ་པ་ཡིན་གསུང་། སངས་རྒྱས་ཀྱིས་ཇི་སྐད་གསུངས་པ་བཞིན་ཉམས་སུ་བླངས་ཀྱང་བླ་མ་མེད་ན་བྱིན་རླབས་མི་འབྱུང་གསུང་། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མ་ལ་ནི་ཕྱག་འཚལ་ལོ། །ཞེས་གསུངས་པས། ཕྱག་ཀྱང་སྔོན་དུ་བླ་མ་ལ་འབུལ། བླ་མ་དང་སངས་རྒྱས་ཐ་དད་མེད་པ་ཡིན་ཏེ། བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་བརྟག་གོ །ཞེས་གསུངས་སོ།། །།ཡང་། རིན་པོ་ཆེའི་ཞལ་ནས། སེམས་ཀྱི་རང་བཞིན། །ངོ་བོ། མཚན་ཉིད་གསུམ་ཡིན། སེམས་ཀྱི་རང་བཞིན་བྱ་བ། རང་བཞིན་གྱིས་དག་པ། འཁོར་འདས་ཐམས་ཅད་ལ་ཁྱབ་པའི་འདུས་མ་བྱས་དེ་ཡིན་ནོ། །སེམས་ཀྱི་ངོ་བོ་བྱ་བ། རིག་པ་སྐྱེ་འགག་མེད་པ་དེ་ཡིན་ནོ། །སེམས་ཀྱི་མཚན་ཉིད་བྱ་བ། བག་ཆགས་ཀྱི་གཟུགས་བརྙན་སྣ་ཚོགས་སུ་སྣང་བ་འདི་ཡིན་ནོ། །འོ་ན་གང་བསྒོམ་ན་སེམས་ཀྱི་ངོ་བོ་སྒོམ་པ་བྱ་བ་ཡིན། དེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས། བྱང་ཆུབ་སེམས་དཔའི་ཐུགས། སྲིད་པ་དྲུག་གི་སེམས་ཅན་གྱི་རང་རིག་པའི་ངོ་བོ་གསལ་ལ་གོ་མ་འགགས་པ་འདི་སྒོམ་༼༦ན༽པ་ཡིན་ཏེ། སྒྲིབ་པ་མ་ཟད་པས་རྒྱུན་དུ་འགྲོགས་ཀྱང་ཞལ་མ་མཐོང་། ཡང་ན་སླ་བ་ཡིན་ཏེ་གཞན་ནས་བཙལ་མ་དགོས། རང་ལ་ཡོད་དེ་ངའི་སེམས་ཟེར་བ་འདི་ཡིན། མཚན་ཉིད་སྣ་ཚོགས་ལ་ལྟ་བ་མིན། ངོ་བོ་མ་བཅོས་པ་རང་གསལ་ཙམ་དུ་སིང་ངེ་ཡེ་རེ་བ་འདི་རང་ཡིན། ལར་ཇོ་བོ་པ་རྣམས་འདི་ངོ་མ་ཤེས་ཀྱི་བར་དུ་ཕྱོགས་མཐའ་དག་ནས་འབུང་དགོས། ད་རེས་ཅིག་མ་ཐར་ན། ཕྱིས་དལ་འབྱོར་ལ་ཕྱི་ཕྱག་འཚལ་ནས། ཡེའུ་ཟེར་ནས་ངན་སོང་འབའ་ཞིག་ཏུ་ཁ་བལྟས་ནས་འགྲོ་ཉེན་ཡོད་པས། སྙིང་ཐག་པ་ནས་ཆོས་གྱིས། ངའི་སྙིང་འདི་བྱ་བ་ཡང་དམར་པོ་ལྟར་ལྟར་པོ་གཅིག་ལས་མེད་གསུང་པ་དགེ་བའི་བཤེས་གཉེན་སྤྱན་མངའ་བ། དང་འདྲ་བ་ཡིན་ནོ། །སྙིང་ནས་ཚེ་འདིའི་བྱ་བ་ཐམས་ཅད་བཞག་ནས་སྒྲུབ་པ་ཅིག་བྱེད་དགོས་པ་ཡིན། ལས་འབྲས་ལ་ཤིན་ཏུ་འཛེམ་པ་ཅིག་དགོས། ང་ལ་རྣལ་འབྱོར་པ་ཟེར་ཏེ། ང་ནི་ལས་འབྲས་ལ་ཤིན་ཏུ་འཛེམ་པ་ཡིན། དགེ་བའི་སྤྱན་སྔ་བ། མཆན།ངའི་བླ་མ་རྣམས་ཀྱི་མན་ངག་ཡིན། ལས་འབྲས་ལ་ཡེལ་ལེ་ཕྱོད་དེ་འདུག་ན་ཆོས་གནད་དུ་མ་ཕོག་པ་ཡིན། ལྟ་བ་མཐོ་བ་སྐད་ཟེར་ཡང་མི་ཕན་པས། འོ་ཅག་རང་མི་ལ་སྡིག་མི་བསག །ཆོས་ཀྱི་ཞལ་ཆེ་མི་བཅད། འདི་གཉིས་ཉེན་ཆེ། མ་མཐོང་བའི་གཡང་སར་བཤད། དགེ་བའི་རྩ་བ་མ་ལུས་པར་ཟད་པའི་རྒྱུ་ཡིན། དེ་བས་ཚེ་ལ་ལོང་མེད། ལོ་འགའ། ཟླ་བ་འགའ། ཞག་འགའི་བར་འདི་ལ་དོན་ཅི་འགྲུབ་བྱེད་དགོས་པ་ཡིན་ནོ། །སྙིང་ནས་སྒྲུབ་པ་བྱེད་པ་ལ། སངས་རྒྱ་བ་དུས་ཡུན་རིང་པོ་མི་དགོས་གསུང་ངོ་།། །།
